Degé Kangyur volume 102, F.100.a

ལ་ཕྱག་འཚལ་ལོ། །​ཆོས་གང་རྒྱུས་འབྱུང་དེ་དག་གི། །​རྒྱུ་དང་དེ་འགོག་གང་ཡིན་པ། །​དེ་བཞིན་གཤེགས་པས་བཀའ་སྩལ་ཏེ། །​དགེ་སྦྱོང་ཆེན་པོས་དེ་སྐད་གསུངས། །​ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བྃ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ། སྙིང་པོ་འདི་ལན་ཅིག་བརྗོད་པས་སྡིག་པ་ཐམས་ཅད་བྱང་བར་འགྱུར་རོ། །​མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་བཟློག་པར་འགྱུར་རོ། །​དངོས་པོ་གང་ལ་དམིགས་ཏེ་བརྗོད་ན་སངས་རྒྱས་ཀྱི་སྐུ་འམ། མཆོད་རྟེན་དུ་བྱས་པར་འགྱུར་རོ། །​མཆོད་པ་གང་ལ་དམིགས་ཏེ་བརྗོད་ན་འཇིག་རྟེན་གྱི་ཁམས་གང་བ་ཙམ་ཕུལ་བར་འགྱུར་རོ། །​རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོ་རྫོགས་སྷོ།​།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh981.html?part=UT22084-088-015-101#UT22084-088-015-101