Degé Kangyur volume 91, F.118.b

༄༅། །​རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ཀུ་མཱ་ར་བྷཱུ་ཏཱ་ཥྚོཏྟ་ར་ཤ་ཏ་ཀ་ནཱ་མ་དྷཱ་ར་ཎཱི་མནྟྲ་ས་ཧི་ཏ། བོད་སྐད་དུ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། ཕྱོགས་བཅུའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཤེས་བྱ་མཐའ་དག་མ་ལུས་པར་ཁྱབ་ཅིང་མཆོག་ཏུ་རྨད་དུ་བྱུང་བ་རྣམ་པར་དག་པའི་བློ་མངའ་བ་རྣམས་ལ་ཕྱག་འཚལ་ལོ། །​འཇམ་དཔལ་གཞོན་ནུར་གྱུར་པ་ཐུགས་དྲི་མ་དང་སྐྱོན་ཐམས་ཅད་དང་བྲལ་བ། ཡོན་ཏན་དྲི་མ་མེད་པའི་ཚོགས་ཀྱི་འོད་ཟེར་གྱིས་བརྒྱན་པའི་སྐུ། ཞབས་རྟེན་གྱི་པདྨ་ལ་ལྷ་དང་། མི་དང་། ལྷ་མ་ཡིན་དང་། ཀླུ་དང་། རིག་སྔགས་འཆང་རྣམས་ཀྱི་ཐོར་ཚུགས་དང་ཅོད་པན་གྱི་རྩེ་མོས་གཏུགས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh639.html?part=UT22084-091-036-332#UT22084-091-036-332