Degé Kangyur volume 89, F.15.b

འཇམ་དཔལ་ངག་གི་དབང་ཕྱུག་ལ་བུ་མོ་བརྒྱད་ཀྱིས་བསྟོད་པ། གཞོན་ནུའི་སྐུ་ལུས་འཆང་བ་པོ། །​ཡེ་ཤེས་སྒྲོན་མེས་རབ་བརྒྱན་ཞིང་། །​འཇིག་རྟེན་གཏི་མུག་མུན་སེལ་བ། །​འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །​ཉིད་ཀྱི་མདངས་བཟང་ཚོགས་ཀྱིས་ནི། །​ཟླ་བ་རྒྱས་པ་ཟིལ་གནོན་ཞིང་། །​མ་རིག་རྣམ་པར་བསལ་གྱུར་པ། །​འཇམ་པའི་དཔལ་ལ་ཕྱག་འཚལ་ལོ། །​མ་བགྱིས་ཟུར་ཕུད་གསལ་བ་ལ། །​ནོར་བུ་འབར་བའི་སྐུ་མངའ་ཞིང་། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh552.html?part=UT22084-089-009-51#UT22084-089-009-51