Degé Kangyur volume 72, F.277.a

སུ་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་ཀྱི་ཆོས་ཀྱི་འཁོར་ལོ་ཆོས་དང་ལྡན་པ་དགེ་སྦྱོང་ངམ་བྲམ་ཟེ་འམ་ལྷ་འམ་བདུད་དམ་ཚངས་པའམ་སུས་ཀྱང་འཇིག་རྟེན་དུ་ཆོས་དང་འཐུན་པར་འགའ་ཡང་མ་བསྐོར་བ། སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བའི་ཕྱིར་བསྐོར་བས་ལྷའི་རིས་མངོན་པར་འཕེལ་ཞིང་ལྷ་མ་ཡིན་གྱི་རིས་ཡོངས་སུ་ཉམས་སོ་ཞེས་དབྱངས་བསྒྲགས་སོ། །​བཅོམ་ལྡན་འདས་ཀྱིས་བཱ་རཱ་ཎ་སཱིར་དྲང་སྲོང་སྨྲ་བའི་རི་དགས་ཀྱི་ནགས་སུ་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་སུ་ཆོས་ཀྱི་འཁོར་ལོ་ཆོས་དང་ལྡན་པ་བསྐོར་བས། དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་ཚིག་བླ་དགས་སུ་བཏགས་སོ། །​ཆོས་ཀྱི་འཁོར་ལོའི་མདོ་རྫོགས་སོ།​།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh337.html?part=UT22084-072-037-117#UT22084-072-037-117